您的位置:首页 > 新闻中心 > 通知公告

关于海北州深化扫黑除恶专项斗争公开征集涉黑涉恶举报线索的通告

发布日期:2026-08-21 11:00信息来源:平安海北 责任编辑:sladmin阅读次数:次 字体:【大 中 小】



为深入贯彻落实党中央关于深化扫黑除恶专项斗争决策部署和省委工作要求,依法严厉打击各类黑恶势力犯罪,切实维护人民群众生命财产安全和社会长治久安,现向社会公开征集涉黑涉恶举报线索,欢迎广大群众积极检举揭发。

线索征集范围




1.利用家族、宗族势力把持基层政权、破坏选举、侵吞集体资产、欺压残害群众的“村霸”“乡霸”;垄断资源、强揽工程、恶意竞标、滥开滥采的“沙霸”“矿霸”;垄断经营、欺行霸市、强买强卖、寻衅滋事、收保护费、干扰破坏工程建设的“街霸”“市霸”等涉黑涉恶犯罪。

2.制贩毒品、开设赌场、组织卖淫等黄赌毒黑合流的犯罪团伙和境内外黑恶势力勾连犯罪。
3.操纵控制未成年人实施违法犯罪、侵害未成年人权益的黑恶团伙。
4.利用网络平台和“软暴力”手段有组织地实施裸聊敲诈、非法放贷、非法催收、舆情敲诈、恶意索赔、强迫消费、劳务碰瓷、色情敲诈等涉黑涉恶犯罪及相关犯罪。
5.跟踪滋扰、威胁恐吓、敲诈勒索等“软暴力”涉黑涉恶犯罪。
6.其他涉黑涉恶违法犯罪行为。


线索反映渠道




(一)全国统一线上举报平台

网上搜索全国扫黑办“12337”智能举报平台或点击“中国长安网”、“中央政法委长安剑”微信公众号等链接登录举报平台。
(二)青海省扫黑办
1.举报电话:0971-8274110
2.举报信箱:青海省西宁市A160信箱。
(三)海北州扫黑办
1.举报电话:0970-7648793
2.举报信箱:海北州西海镇原子路77号。
(四)海北州公安局扫黑办
1.举报电话:0970-8642010
2.举报信箱:海北州海晏县西海镇315国道南侧海北州公安局扫黑办。
(五)海北州人民检察院扫黑办
1.举报电话:0970-8647292
2.举报信箱:海北州海晏县西海镇海晏路13号。
(六)海北州中级人民法院扫黑办
1.举报电话:0970-8646711
2.举报信箱:海北州海晏县西海镇315国道南侧海北州中级人民法院扫黑办。
(七)海北州纪委监委扫黑办
1.举报电话:0970-8642510
2.举报信箱:海北州海晏县西海镇瓦颜路14号海北州纪委监委信访室。

对通过上述途径获取的线索,州扫黑办将全力做好转办、督办、核查、反馈等工作,必要时启动提级抽查复核工作,推动查深查透。同时,将严格落实线索保密、人身保护制度,依法保护举报人的合法权益。对提供重大线索、协助破案的单位和个人,按照有关规定给予奖励。




海北州扫黑除恶斗争领导小组办公室

2026年8月10日


མཚོ་བྱང་ཁུལ་གྱི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་བཏང་ནས་ནག་ཚོགས་ཐེར་འདོན་ཁུངས་སྣེ་ཡོངས་བསྒྲགས་ངང་

འཚོལ་སྡུད་བྱེད་པའི་བརྡ་ཁྱབ།

 

ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ད་ལྟ་སྤྱི་ཚོགས་ཐོག་ནག་ཚོགས་དང་འབྲེལ་བའི་ཐེར་འདོན་ཁུངས་སྣེ་ཡོངས་བསྒྲགས་ངང་འཚོལ་སྡུད་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱིས་ཐེར་འདོན་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུ།

ཁུངས་སྣེ་འཚོལ་སྡུད་ཁྱབ་ཁོངས།

1.ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་གྱི་སྲིད་དབང་ཧམ་བཟུང་དང་འདེམ་སྐོ་ལ་གཏོར་བརླག་བཟོ་བ། ཐུན་མོང་གི་རྒྱུ་ནོར་ཧམ་བཟུང་བྱེད་པ། མང་ཚོགས་ལ་བརྙས་བཅོས་དང་གནོད་འཚེ་གཏོང་བའི“སྡེ་བའི་གཏེ་བོ”དང“ཡུལ་ཚོའི་གཏེ་བོས”ཐོན་ཁུངས་སྒེར་སྡེམ་དང་བཟོ་སྐྲུན་བཙན་ལེན། དམིགས་ངན་བཅངས་ཏེ་འཇོན་འགུགས་བྱེད་པ། གང་འདོད་དུ་རྐོ་འདོན་བྱེད་པའི“བྱེ་ཟེགས་དང་གཏེར་ཁ་བཙན་བཟུང་མཁན”། སྒེར་སྡེམ་ལས་གཉེར་དང་ཚོང་བར་བརྙས་བཅོས་བྱེད་པ། བཙན་ཉོ་བཙན་འཚོང་། བསྙད་རྐོ་ཟིང་སློང་། སྲུང་གླ་ལེན་པ། བཟོ་སྐྲུན་ལ་གཏོར་བརླག་གཏོང་བའི“སྲང་ལམ་བཙན་བཟུང་མཁན”དང“ཚོང་ར་བཙན་བཟུང་མཁན”སོགས་ནག་ཚོགས་དང་འབྲེལ་བའི་ཉེས་གསོག་བཅས་དང་། 

2.དུག་རྫས་བཟོ་འཚོང་དང་རྒྱན་ར་འཛུགས་གཉེར། སྨད་འཚོང་རྩ་འཛུགས་སོགས་འཆལ་རྒྱན་དུག་གསུམ་མཉམ་འབྲེལ་གྱི་ཉེས་གསོག་ཚོགས་པ་དང་རྒྱལ་ཁབ་ཕྱི་ནང་གི་ནག་ཚོགས་སྟོབས་ཤུགས་ངན་འབྲེལ་གྱིས་བྱས་ཉེས་བསགས་པ།

3.ནར་མ་སོན་པའི་མི་ཚོད་འཛིན་ངན་སྐུལ་བྱས་ནས་ཁྲིམས་འགལ་ཉེས་གསོག་བྱེད་པ་དང་ནར་མ་སོན་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ནག་གཤེད་སྤྱོད་ངན་ཚོགས་པ།

4.དྲ་རྒྱའི་སྟེགས་བུ་དང“འཇམ་པོའི་གཏུམ་སྤྱོད”ཀྱི་བྱེད་ཐབས་སྤྱད་དེ་རྩ་འཛུགས་ཡོད་པའི་སྒོ་ནས་བསྙད་འདོགས་རྒྱུ་འཕྲོག་དང་། ཁྲིམས་འགལ་གྱིས་དངུལ་བུན་གཏོང་བ། ཁྲིམས་འགལ་གྱིས་བསྡུ་སྐུལ་བྱེད་པ། གླེང་ཕྱོགས་ཀྱིས་བསྙད་འདོགས་རྒྱུ་ལེན། ངན་སེམས་ཀྱིས་གུན་གསབ་ལེན་པ། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། ངལ་ནུས་བསྙད་འདོགས། འདོད་སྲེད་ཀྱི་བསྙད་འདོགས་རྒྱུ་འཕྲོག་སོགས་ནག་གཤེད་སྤྱོད་ངན་དང་འབྲེལ་བའི་ཉེས་གསོག་དང་ཉེས་གསོག་ལག་བསྟར་བྱེད་པ།

5.རྗེས་འདེད་ཟིང་ཆ་སློང་བ་དང་འཇིགས་སྐུལ་བྱེད་པ། བསྙོན་དཀྲིས་བཙན་ལེན་སོགས“འཇམ་པོའི་གཏུམ་སྤྱོད”ཀྱིས་ནག་གཤེད་སྤྱོད་ངན་དང་འབྲེལ་བ་ཡོད་པའི་ཉེས་གསོག

6.ནག་གཤེད་སྤྱོད་ངན་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག

ཁུངས་སྣེ་ཡར་ཞུའི་ཐབས་ལམ།

(གཅིག) རྒྱལ་ཡོངས་ཀྱི་གཅིག་གྱུར་དྲ་ཐོག་ཐེར་འདོན་ལས་སྟེགས།

དྲ་ཐོག་ནས་རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གི“12337”རིག་ནུས་ཐེར་འདོན་ལས་སྟེགས་འཚོལ་ཞིབ་བྱེད་པའམ་ཡང་ན“ཀྲུང་གོའི་ཁྲང་ཨན་དྲ་བ”དང“ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཁྲང་ཨན་རལ་གྲི”ཞེས་པའི་སྐད་འཕྲིན་སྤྱི་རྟགས་སོགས་སྦྲེལ་མཐུད་ཐེར་འདོན་ལས་སྟེགས་སུ་ཞུགས་པ།

(གཉིས) མཚོ་སྔོན་ཞིང་ཆེན་ནག་སེལ་གཞུང་ལས་ཁང་།

1.ཐེར་འདོན་ཁ་པར། 0971-8274110

2.ཐེར་འདོན་ཡིག་སྒམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཡིག་སྒམA160པ།

(གསུམ) མཚོ་བྱང་ཁུལ་ནག་སེལ་གཞུང་ལས་ཁང་།

1.ཐེར་འདོན་ཁ་པར། 0970-7648793

2. ཐེར་འདོན་ཡིག་སྒམ། མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་གྱི་མ་རྡུལ་ལམ་ཨང77པ།

(བཞི) མཚོ་བྱང་ཁུལ་སྤྱི་བདེ་ཅུ་ནག་སེལ་གཞུང་ལས་ཁང་།

1.ཐེར་འདོན་ཁ་པར།  0970-8642010

2.ཐེར་འདོན་ཡིག་སྒམ།  མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་རྒྱལ་ལམ315ལྷོ་ངོས་ཀྱི་མཚོ་བྱང་ཁུལ་སྤྱི་བདེ་ཅུ་ནག་སེལ་གཞུང་ལས་ཁང་།

(ལྔ) མཚོ་བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ནག་སེལ་གཞུང་ལས་ཁང་།

1.ཐེར་འདོན་ཁ་པར། 12309དང0970-8647292

2.ཐེར་འདོན་ཡིག་སྒམ། མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མདའ་བཞི་ལམ་ཨང13པ།

(དྲུག) མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནག་སེལ་གཞུང་ལས་ཁང་།

1. ཐེར་འདོན་ཁ་པར། 0970-8646711

2.ཐེར་འདོན་ཡིག་སྒམ། མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་རྒྱལ་ལམ315ལྷོ་ངོས་ཀྱི་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནག་སེལ་གཞུང་ལས་ཁང་།

(བདུན) མཚོ་བྱང་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ནག་སེལ་གཞུང་ལས་ཁང་།

1.ཐེར་འདོན་ཁ་པར། 0970-8642510

2.ཐེར་འདོན་ཡིག་སྒམ། མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་བ་ཡན་ལམ་ཨང14པའི་མཚོ་བྱང་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་འཕྲིན་བཅར་ཁང་།

གོང་གསལ་གྱི་ཐབས་ལམ་བརྒྱུད་ཐོབ་པའི་ཁུངས་སྣེར་ཁུལ་ནག་སེལ་ངན་འཇོམས་གཞུང་ལས་ཁང་གིས་བརྒྱུད་སྒྲུབ་དང་སྐུལ་སྒྲུབ། ཞིབ་དཔྱད། ལྡོག་ལན་སྤྲོད་པ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་དང་། དགོས་ངེས་སྐབས་རིམ་སྤོར་འཐེན་བཤེར་དང་བསྐྱར་ཞིབ་ལས་དོན་སྤེལ་མགོ་བརྩམས་ནས། ཞིབ་བཤེར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་ཁུངས་སྣེ་གསང་སྡོམ་དང་མི་ལུས་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་ཡིན། ཁུངས་སྣེ་གལ་ཆེན་མཁོ་འདོན་དང་གྱོད་གཞི་རྩད་གཅོད་བྱེད་རོགས་བྱེད་མཁན་སྡེ་ཚན་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགའ་སྤྲོད་རྒྱུ་ཡིན།

 

 

མཚོ་བྱང་ཁུལ་ནག་སེལ་ངན་འཇོམས་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས།

2026ལོའི་ཟླ8པའི་ཚེས10ཉིན།





来源:平安海北